相遇

2025-10-19 16:05 报错


作词 : 扎森西格
作曲 : 佐庆丹真
编曲 : 郑小宇/旦旦

ཡེ་ཡེ་
སྣང་བ་སྤྲོ་དགོས།
སེམས་པ་སྐྱིད་དགོས།
ང་ཚོ་འདི་རུ་འཕྲད་པ་ཡང་།
སྔོན་བསགས་ཀྱི་མི་ཚེའི་བསོད་ནམས་ཡིན།
དགའ་སྣང་ཞིག་གནོང་ཡ།
དགོད་འཛུམ་ཞིག་སྟོན་ཡ།
མི་ཡུལ་ལན་གཅིག་འགྲིམ་པ།
དགའ་སྐྱིད་དང་དགོད་སྒྲའི་ཀློང་དུ་འཚོ།

འོ་ཡེ་་
གླུ་ཞིག་ལོངས་ཡ། བྲོ་ཞིག་འཁྲོབས་ཡ།
ང་ཚོ་དེ་རིང་འཕྲད་པ་ལ།
དུས་ནམ་ཡང་འཕྲད་པའི་སྨོན་ལམ་ཡོད།
དུས་རྟག་ཏུ་སྐྱིད་པའི་སྨོན་ལམ་ཡོད།

ཡེ་ཡེ་
ཡིད་སེམས་མཐུན་དགོས།
ངང་རྒྱུད་བཟང་དགོས།
ང་ཚོ་འདི་རུ་འཛོམས་པ་ཡང་།
བསླུ་མེད་ཀྱི་ལས་སྨོན་རང་འགྲིག་ཡིན།
ལག་ཟུང་ཞིག་སྦྲེལ་ཡ།
དཔུང་གདང་ཞིག་གཤིབ་ཡ།
མི་ལུས་ལན་གཅིག་བླང་པ།
གཅིག་ཕན་དང་གཅིག་གྲོགས་ངང་ནས་གསོན།

འོ་ཡེ་་
གླུ་ཞིག་ལོངས་ཡ། བྲོ་ཞིག་འཁྲོབས་ཡ།
ང་ཚོ་དེ་རིང་འཛོམས་པ་ལ།
དུས་ནམ་ཡང་འཛོམས་པའི་སྨོན་ལམ་ཡོད།
དུས་རྟག་ཏུ་མཐུན་པའི་སྨོན་ལམ་ཡོད།
འོ་ཡེ་་
གླུ་ཞིག་ལོངས་ཡ། བྲོ་ཞིག་འཁྲོབས་ཡ།
ང་ཚོ་དེ་རིང་འཛོམས་པ་ལ།
དུས་ནམ་ཡང་འཛོམས་པའི་སྨོན་ལམ་ཡོད།
དུས་རྟག་ཏུ་མཐུན་པའི་སྨོན་ལམ་ཡོད།


音乐制作人 : 旦旦
录音混音 : 千朵音乐
母带 : 千朵音乐
监制 : D&M
统筹 : 卢洋/段多多motim/杨颖
发行策划 : 阿斯根/王雅丽
出品 : D&M千朵音乐/东方腔调
【未经著作权人许可 不得翻唱 翻录或使用】
Singer: 阿斯根