Tomorrow


作词 : 章古泽丹
作曲 : 旦旦
编曲 : 旦旦
ཁ་སང་་་
འདས་པའི་ལོ་ཟླ།
ལང་ཚོ་དོང་དུ་སྦས་པའི་དུས་རེད།
ཁ་སང་་་
མུན་པའི་ནམ་ཟླ།
དབུགས་ཡང་འབྱིན་རྔུབ་དཀའ་བའི་མཚན་རིད།
ན་བུན་གསེང་ནས་བགྲོད་ལམ་རེ་འཚོལ་བས།
ཁ་ཕྱོགས་ནི་རབ་རིབ་རེད།
ན་འདམ་དཀྱིལ་ནས་ཀི་འབོད་༼རེ༽་བཏང་བས།
རེ་བ་ཡང་སྟོང་ཟད་རེད།
གདོང་འབག་ཕུད་ནས།
ཡ་་་་་རྒྱང་ལ་ཕེབས།
ད་ནས་བཟུང་རྒྱང་ལ་ཕེབས།
ཁུར་བོ་བསྐྱུར་ནས།
ཡ་་་་་རྒྱང་ལ་ཕེབས།
ད་ནས་བཟུང་རྒྱང་ལ་ཕེབས།
སང་ཉིན་་་
སྔོན་མའི་འཆར་སྒོ
འདུན་པའི་གཤོག་ཟུང་རྒྱས་པའི་ཉིན་རེད།
སང་ཉིན་་་
འགོ་ཚུགས་གསར་བ།
ཚེ་ལོ་སླར་སྐྱེས་ཐོབ་པའི་དུས་རེད།
ལ་མོའི་རྩེ་ནས་རྒྱང་མིག་རེ་འཕེན་པས།
རྒྱང་རིང་ནི་ཇེ་རིང་རེད།
ལ་མོའི་འདབས་ནས་ཕྱིར་མིག་༼རེ༽་འཕེན་པས།
རང་ཡུལ་ཡང་ཇེ་མོག་རེད།
རྩྭ་ཐང་བརྒྱུད་ནས།
ཡ་་་་་རྒྱང་ལ་ཕེབས།
སྔོ་བསངས་ཀྱི་མཁའ་ལ་གཏད།
གངས་རི་བརྒལ་ནས།
ཡ་་་་་རྒྱང་ལ་ཕེབས།
ད་ནས་བཟུང་རྒྱང་ལ་ཕེབས།
སྐྱ་རེངས་བསུ་ནས།
ཡ་་་རང་ཉིད་འཚོལ།
རེ་ཞིག་ནས་སྙིང་པོ་རྙེད།
མཚམས་སྤྲིན་གྱོན་ནས།
ཡ་་་ཡུལ་ལ་ཕེབས།
ནམ་ཞིག་ལ་ཡུལ་ལོག་བྱེད།
RAP
我的肩背 流下汗水
流浪他乡也曾流下眼泪
舰队不会撤退
成功路上需要我们捍卫
这一切都好像是被格林施了魔法
但是每一条路他都可以通向罗马
雄鹰展翅翱翔一样可以载着我飞
རྩྭ་ཐང་བརྒྱུད་ནས།
ཡ་་་་་རྒྱང་ལ་ཕེབས།
མིག་ཟུང་དེ་མཁའ་ལ་གཏད།
གངས་རི་བརྒལ་ནས།
ཡ་་་་་རྒྱང་ལ་ཕེབས།
ད་ནས་བཟུང་རྒྱང་ལ་ཕེབས།
སྐྱ་རེངས་བསུ་ནས།
ཡ་་་རང་ཉིད་འཚོལ།
རེ་ཞིག་ནས་སྙིང་པོ་རྙེད།
མཚམས་སྤྲིན་གྱོན་ནས།
ཡ་་་ཡུལ་ལ་ཕེབས།
ནམ་ཞིག་ལ་ཡུལ་ལོག་བྱེད།
音乐制作人 : 旦旦
录音混音 : 千朵音乐
母带 : 千朵音乐
监制 : D&M
统筹 : 卢洋 段多多motim
发行策划 : 阿斯根
出品 : 千朵音乐
【未经著作权人许可 不得翻唱 翻录或使用】

免责声明

×

本站纯公益性质,不接广告,也不展示广告。

本站音频版权来自各网站,本站只提供数据查询服务,不提供任何音频存储和贩卖服务。

夸克网盘接口都是爬取网络公开分享数据。如有侵权,前往夸克举报,或者联系我们删除收录链接。

邮箱musiclyrics@126.com