最好的朋友


作词 : 志美
作曲 : 佐庆丹真
合:
ཨ་་་་་་ཁམས་པ་སྡེ་དགེ། ཨ་་་་་་ང་ཡི་ཕ་ཡུལ།
男:
འཛམ་གླིང་གོ་ལའི་ཡང་རྩེ། ཁམས་པ་སྡེ་དགེ།
ལྷུན་གྲུབ་ནོར་བུའི་དགའ་ཚལ། ཁམས་པ་སྡེ་དགེ་ཡིན།
སྙན་མོའི་པི་ཝཾ་རོལ་བཞིན་བསྟོད་གླུ་ལེན་ཡ།
女:
གངས་ཅན་ས་ཡི་ལྟེ་བ། ཧོ། ཁམས་པ་སྡེ་དགེ།
བཅུ་ཕྲག་རིག་པའི་འབྱུང་གནས། ཁམས་པ་སྡེ་དགེ་ཡིན།
དྲི་མེད་ལྷ་དར་དཀར་པོ་ཁྱེད་ལ་འབུལ་ཡ།
合:
ཨ་་་་་་ཁམས་པ་སྡེ་དགེ། ཨ་་་་་་ང་ཡི་ཕ་ཡུལ།
དྲི་མེད་ལྷ་དར་དཀར་པོ་ཁྱེད་ལ་འབུལ་ཡ།
ཨ་་་་་་ཁྱེད་ལ་འབུལ་ཡ།
ཨ་་་་་་ཁམས་པ་སྡེ་དགེ། ཨ་་་་་་ང་ཡི་ཕ་ཡུལ།
女:
ཞིང་ལ་ལོ་ཡག་འཁྲུངས་ས། ཧོ། ཁམས་པ་སྡེ་དགེ།
ཕྱུགས་ལ་འཕེལ་ཁ་དར་ས། ཁམས་པ་སྡེ་དགེ་ཡིན།
དྲི་ཟའི་བུ་མོའི་དབྱངས་ཀྱིས་ཁྱེད་ལ་བསྟོད་དོ།
男:
སྟག་ཤར་དཔའ་རྩལ་ལྡན་ས། ཨ། ཁམས་པ་སྡེ་དགེ།
མཛེས་མའི་ལང་ཚོ་ཡག་ས། ཁམས་པ་སྡེ་དགེ་ཡིན།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོ།
合:
ཨ་་་་་་ཁམས་པ་སྡེ་དགེ། ཨ་་་་་་ང་ཡི་ཕ་ཡུལ།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོ།
ཨོ་་་་་་བསྟོད་གླུ་འབུལ་ལོ།
ཨ་་་་་་ཁམས་པ་སྡེ་དགེ། ཨ་་་་་་ང་ཡི་ཕ་ཡུལ།
དྲུག་འགྱུར་སྙན་མོའི་ངག་གིས་བསྟོད་གླུ་འབུལ་ལོ།
ཨོ་་་་་་བསྟོད་གླུ་འབུལ་ལོ།

免责声明

×

本站纯公益性质,不接广告,也不展示广告。

本站音频版权来自各网站,本站只提供数据查询服务,不提供任何音频存储和贩卖服务。

夸克网盘接口都是爬取网络公开分享数据。如有侵权,前往夸克举报,或者联系我们删除收录链接。

邮箱musiclyrics@126.com