黑河恋

2025-10-18 17:44 报错


作曲 : 完玛三智
ཞེ་ལ་ཐོགས་པའི་མི་དེ།།
ཆུ་ནག་གཞུང་ན་བཞུགས་ཡོད།།
དྲན་པ་ཆུ་ལ་བསྐུར་བས།།
གསེར་ཉ་ཐེངས་གསུམ་ངུས་བྱུང་།།
ཉ་མོར་མི་སེམས་མེད་ཀྱང་།།
སྐྱོ་ནས་ཨ་ལན་མི་འདུག།
ཉ་མོར་མིག་ཆུ་ཡོད་མེད།།
དྭངས་མོ་ཆུ་ལ་འདྲི་རོགས་ལགས།།
ཉ་མོར་མིག་ཆུ་ཡོད་མེད།།
དྭངས་མོ་ཆུ་ལ་འདྲི་རོགས།།
ཆུ་ལ་བསྐུར་བའི་སྨྲེང་བའི་ན་བུན་ལགས།
ཉ་མོར་མིག་ཆུ་ཡོད་མེད།།
དྭངས་མོ་ཆུ་ལ་འདྲི་རོགས།།
ཆུ་ལ་བསྐུར་བའི་སྨྲེང་བའི་ན་བུན་ལགས།
སྙིང་དང་མཆིན་པའི་བར་གྱི།།
དྲན་པ་དབྱར་གསུམ་སྨུག་པའི།།
གདུང་བ་ནགས་ལ་བཀུག་པས།།
ནགས་ཀྱི་ནེམ་ལོ་འཐོར་སོང་།།
སྐུ་འབུམ་ལོ་མ་མིན་ཡང་།།
འཁོར་བའི་སྣང་བ་འཁྲུངས་འདུག།
ལོ་མར་བྱིན་རླབས་ཡོད་མེད།།
ཁ་ཡ་ན་ཟླར་འདྲི་རོགས་ལགས།།
ལོ་མར་བྱིན་རླབས་ཡོད་མེད།།
ཁ་ཡ་ན་ཟླར་འདྲི་རོགས།།
རླུང་ལ་བསྐུར་བུའི་དྲན་པའི་རྡུལ་ཕྲན་ལགས།
ལོ་མར་བྱིན་རླབས་ཡོད་མེད།།
ཁ་ཡ་ན་ཟླར་འདྲི་རོགས།།
རླུང་ལ་བསྐུར་བུའི་དྲན་པའི་རྡུལ་ཕྲན་ལགས།
ཆུང་འདྲིས་ལྗང་སྨུག་གོས་རེད།།
ཁྲེལ་གཞུང་གསེར་མའི་རི་མོ།།
རི་མོ་འབྲུག་རྒྱབ་ཁྱུང་འཕྲད།།
མཛེས་སྡུག་འཇའ་ཡིས་བཤད་ཡོང་།།
དབྱར་གསུམ་ཆར་གྱིས་བངས་ནས།།
དགུན་གསུམ་རླུང་གིས་བསེད་རུང་།།
དྲོད་ཤ་ཡལ་རྒྱུ་མི་འདུག།
རི་མོར་འཇིག་རྒྱུ་མི་འདུག་ལགས།
དྲོད་ཤ་ཡལ་རྒྱུ་མི་འདུག།
རི་མོར་འཇིག་རྒྱུ་མི་འདུག།
འཁོར་བར་བབས་པའི་ཉི་འོད་ཟེར་མ་ལགས།
དྲོད་ཤ་ཡལ་རྒྱུ་མི་འདུག།
རི་མོར་འཇིག་རྒྱུ་མི་འདུག།
འཁོར་བར་བབས་པའི་ཉི་འོད་ཟེར་མ་ལགས།
Singer: 完玛三智