雪域故乡

2025-10-18 20:06 报错


作词 : 曼拉杰甫
作曲 : 旦正才让
བསིལ་མོ་ལྗོངས།

གཞས་ཚིག སྨན་བླ་སྐྱབས།

གཞས་དབྱངས། རྟ་མགྲིན་ཚེ་རིང་།

གཞས་པ། བཀྲ་ཤིས་དཔལ་ལྡན།



བར་སྣང་གི་སྐར་མའི་དཀྱིལ་ན་སྐར་མ་ཞིག

མཐིང་མདོག་གི་སྐར་ཆེན་ས་ཡི་གོ་ལ་རེད།

ངའི་ཕ་ས་ཕ་ཡུལ། ས་སྒང་སྔོན་པོའི་ཡང་རྩེ།

གངས་རི་ར་བས་བསྐོར་བའི་བསིལ་མོ་ལྗོངས།

ངའི་ཕ་ས་ཕ་ཡུལ་། མི་ཡུལ་ཁམས་གྱི་ལྷ་ཡུལ།

མི་རེའི་ངག་ན་སྙན་པོའི་གླུ་རེ་ཡོད།

བསིལ་མོ་ལྗོངས།

མི་རེ་གདོང་ན་ཡལ་བ་མེད་པའི་འཛུམ་རེ་ཡོད།

མི་རེ་སེམས་ན་བྱང་ཆབ་ལྷ་རེ་ཡོད།

གསུང་རེ་ནང་ན་འགྲོ་བ་རིག་དྲུག་ཡོད།

ཁ་བ་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས།

སྐྱིད་པོ་གཅིག་དང་།

སྐྱིད་པོ་གཉིས་དང་།

ཁ་བ་ཅན་ལ་བདེ་སྐྱིད་ཕུན་སམ་ཚོགས་པའི་སྨོན་ལམ་འདེབས།

འབྲོག་ལ་ཕྱུག་གཡང་འཁོར་བའི་བཀྲ་ཤིས་ཤོག

རོང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་ཤོག

གངས་ཅན་བསིལ་མོ་ལྗོངས་ལ་བཀྲ་རེ་ཤིས།


བར་སྣང་གི་སྐར་མའི་དཀྱིལ་ན་སྐར་མ་ཞིག

མཐིང་མདོག་གི་སྐར་ཆེན་ས་ཡི་གོ་ལ་རེད།

ངའི་ཕ་ས་ཕ་ཡུལ། ས་སྒང་སྔོན་པོའི་ཡང་རྩེ།

གངས་རི་ར་བས་བསྐོར་བའི་བསིལ་མོ་ལྗོངས།

ངའི་ཕ་ས་ཕ་ཡུལ་། མི་ཡུལ་ཁམས་གྱི་ལྷ་ཡུལ།

མི་རེའི་ངག་ན་སྙན་པོའི་གླུ་རེ་ཡོད།

བསིལ་མོ་ལྗོངས།

མི་རེ་གདོང་ན་ཡལ་བ་མེད་པའི་འཛུམ་རེ་ཡོད།

མི་རེ་སེམས་ན་བྱང་ཆབ་ལྷ་རེ་ཡོད།

གསུང་རེ་ནང་ན་འགྲོ་བ་རིག་དྲུག་ཡོད།

ཁ་བ་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས།

སྐྱིད་པོ་གཅིག་དང་།

སྐྱིད་པོ་གཉིས་དང་།

ཁ་བ་ཅན་ལ་བདེ་སྐྱིད་ཕུན་སམ་ཚོགས་པའི་སྨོན་ལམ་འདེབས།

འབྲོག་ལ་ཕྱུག་གཡང་འཁོར་བའི་བཀྲ་ཤིས་ཤོག

རོང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་ཤོག

གངས་ཅན་བསིལ་མོ་ལྗོངས་ལ་བཀྲ་རེ་ཤིས།

Singer: 扎西华旦