ས་ཞིང་ཡངས་པོ་སྣུམ་ལམ་ལ་གྱུར་།
རི་སྐྱེས་མེ་ཏོག་སྡེ་འདབས་སུ་འཁོར
ངས་ཡང་ཁྱོད་དགའ་བའི་ཇ་བསྐོལ་ཡོད།
ཡིན་ན་ཁྱོད་འདི་གར་ལ་མི་འདུག།
ཁྱོད་རང་ངའི་གྲོགས་པོ་ལ་གྱུར་བ་།
ཁྱིད་ཀྱིས་ལུས་ལ་ཆུ་ཡིས་གཡོག་གདའ།
མིག་གཉིས་བཀྱགས། གདོང་ལ་བལྟ་བ།
དེ་བར་ལོ་ལྔ་འགོར་སོང་བ་།
ཁྱོད་རང་ཤ་དུམ་ལྷག་མ་དེ་འཕྲོག་མྱོང་།
ཁྱོད་རང་གིས་ཆར་ནང་སྒོ་ཁ་ལ་ཉལ་མྱོང་།
ཁྱོད་ལ་འཚོ་བ་དྲོ་པོ་སྟེར་མ་ཐུབ་།
ཨེ་ཡ།་ཁྱོད་རང་བྲོས་པ་བཟུང་མ་ཐུབ།
ཕྱི་མར་ཁྱིམ་ཚང་ཕྱུག་པོ་ཞིག་ལ་གདམས།
གྲང་ངར་དང་རླུང་གིས་མ་མནར་དང་།
མགོ་མ་འཁོར། བདེ་བར་སོང་།
ས་ནས་མ་མ་ལྕགས་སྒོ་འགུལ་ལ་འགུལ།
འགུལ་སོང་བས་མཆི་མ་བཞུར།
ཁྱོད་དེ་རུ་ཉི་འོད་འཕྲོ་དང་འཕྲོ་མི་ཐུབ།
ཁྱོད་རང་དྲན་པའི་གླུ་དབྱངས་གཏོང་།
ང་ཡི་སྙིང་ཉེ་ཁྱོད་རང་གིས་གོ་མ་སོང་ངམ།
རྟ་ཕོ་ཞོན་ནས་ཆར་རླུང་གི་ཁྲོད་ནས་ཆས་།
སེམས་པ་ཕམས་པ་ནི་ཁྱོད་རང་མཉམ་དུ་མེད།
ནང་ལ་ལོག་དུས་ཉལ་ཁྲི་དེ་སྟོང་པར་ལུས།
ཁྱོད་རང་འཁྲིས་སུ་མེད།
ཁྱོད་རང་མ་གཏོགས་ལ་ང་ལ་བྱམས་མཁན་མེད་།
ཁྱོད་རང་གིས་ང་ལ་ཁྱད་གསོད་ལྟ་བ་མེད།
ས་ནས་མ་མ་ལྕགས་སྒོ་འགུལ་ལ་འགུལ།
འགུལ་སོང་བས་མཆི་མ་བཞུར།
ཁྱོད་དེ་རུ་ ཉི་འོད་འཕྲོ་དང་འཕྲོ་མི་ཐུབ།
ཁྱོད་རང་དྲན་པའི་གླུ་དབྱངས་གཏོང་།
ང་ཡི་སྙིང་ཉེ་ཁྱོད་རང་གིས་གོ་མ་སོང།
ས་ནས་མ་མ་ལྕགས་སྒོ་འགུལ་ལ་འགུལ།
འགུལ་སོང་བས་མཆི་མ་བཞུར།
ཁྱོད་དེ་རུ་ ཉི་འོད་འཕྲོ་དང་འཕྲོ་མི་ཐུབ།
ཁྱོད་རང་དྲན་པའི་གླུ་དབྱངས་གཏོང་།
ང་ཡི་སྙིང་ཉེ་ཁྱོད་རང་གིས་གོ་མ་སོང།